3768

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་ཀྱི་ཀུན་སློང
Tibetan Definition བྱ་བ་གང་ཞིག་དང་དུས་མཉམ་པའམ་མཉམ་དུ་འཇུག་པའི་ཀུན་སློང་ལ་ཟེར། དེ་ཡང་བྱ་བ་དེ་ལ་ཕན་ཐོགས་བྱེད་མཁན་གྱི་ཀུན་སློང་ལྟ་བུ་ཞིག་ལ་ཟེར་ཏེ། མཛོད་རྩ་བ་ལས། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །དེའི་ཐད་ཀྱི་མཆིམས་མཛོད་༣༥༡ལས། ཀུན་སློང་གཉིས་པོ་དེ་དག་ལས་དང་པོ་རྒྱུའི་ཀུན་སློང་ནི་ལས་ལ་དང་པོར་རབ་ཏུ་འཇུག་པར་བྱེད་པའི་རྒྱུ་སྦྱོར་བ་ལྟ་བུཡིན་ལ། གཉིས་པ་དུས་ཀྱི་ལས་བྱ་བའི་དུས་སུ་མཐུན་པར་བྱེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་དངོས་གཞི་ལྟ་བུཡིན་ནོ། །ཞེས་གསུངས།