3775

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་གཅིག
Tibetan Definition མདོ་རྒྱུད་རྣམས་སུ། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། ཞེས་པའི་དུས་གཅིག་གི་དོན་ལ་གསུམ་ལས། དང་པོ་ནི། དུས་གཅིག་གི་ཚེ་ན་རྒྱུད་འདི་ཐོས་ལ་གཞན་དུ་ནི་རྒྱུད་གཞན་དག་ཐོས་པའོ། །ཞེས་པ་འདིས་ནི་སྡུད་པ་པོ་བདག་ཉིད་ཐོས་པ་མང་བར་བསྟན། ཡང་ན་ལན་ཅིག་གི་ཚེ་འདི་ཐོས་ཀྱི་དུས་གཞན་དུ་ནི་མི་ཐོས་པའོ། །ཞེས་པ་འདིས་ནི་རྒྱུད་རྙེད་པར་དཀའ་བར་བསྟན། ཡང་ན་དུས་གཅིག་སྟེ། སྐད་ཅིག་མ་གཅིག་ལ་འདི་ཐོས་པའོ་ཞེས་པ་སྟེ། འདིས་ནི་སྡུད་པ་པོ་ཤེས་རབ་ཕུལ་དུ་བྱུང་བ་ཡིན་པར་རབ་ཏུ་སྟོན་ནོ། །རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད།