3806
Jump to navigation
Jump to search
| དུས་རུང་གི་སྨན | |
| Tibetan Definition | (འདུལ་བ) སྨན་བཞིའི་ཡ་གྱལ་ཏེ། དགེ་སློང་གིས་སྔ་དྲོའི་དུས་སུ་བཟང་རུང་བའི་ཟས། དཔེར་ན། ནས། འབྲུ། ཤིང་ཏོག ཞོ། འོ་མ། དར་བ་སོགས་ལྟ་བུ། སྒྲ་བཤད་ནི། དགེ་སློང་གིས་སྔ་དྲོའི་དུས་སུ་ལོངས་སྤྱོད་དུ་རུང་ལ། ཕྱི་དྲོར་མི་རུང་བས་ན་དེ་སྐད་ཅེས་བྱའོ། །དེ་ལ་སྨན་ཞེས་བརྗོད་པ་ནི། དེ་དག་གིས་བཀྲེས་པའི་ནད་སེལ་བར་བྱེད་པས་སྨན་ཞེས་བཏགས་སོ། ། |
|---|---|