3837

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་མ་ཁད
Tibetan Definition དེ་མ་ཐག་གམ། གློ་བུར་གྱི་དོན་ཡིན། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། མནལ་ལམ་དུ། བུད་མེད་ཆེན་མོ་ཞིག་གིས་ལག་པ་གཉིས་ཀྱིས་གཙུག་ལག་ཁང་ལ་འཁྱུད་འདུག ཅི་བྱེད་བྱས་པས་མེའི་གནོད་པ་བསྲུང་བ་ཡིན་ཟེར་བ་ཞིག་རྨིས་འདུག དེའི་ཕྱི་དེ་ནུབ། ཀོང་བུ་ཆེན་མོའི་མར་ཕལ་ཆེ་བ་རྫོགས། མར་གསར་པ་མ་བླུགས་པའི་མཚམས་ཤིག་ཏུ། ཀོང་བུའི་ནང་གི་རས་རྡོག་རྡོག་རྣམས་དང་མར་ལྷག་མ་དང་བཅས་པ་ཐམས་ཅད་ལ་མེ་འབར་ནས་ཤིན་ཏུ་ཆེ་བའི་མེའི་ཕུང་པོར་གྱུར་ཏེ། སྐྱེ་བོ་ཐམས་ཅད་འཇིགས་སྐྲག་ཏུ་གྱུར་པ་ལ། རྗེའི་ཞལ་སྔ་ནས་དེ་མ་ཁད་གཟིམ་ཁང་དུ་བྱོན་སོང་ནས་ཐུགས་དམ་ལ་བཞུགས་པས། རླུང་གཅིག་ཀྱང་མེད་ཅིང་ཐབས་རྣམས་ཀྱིས་ཀྱང་བཟློག་ཤིན་ཏུ་སླ་བར་བྱུང་ནས་དེ་མ་ཁད་ཞི་ཞིང་གནོད་པ་ཅུང་ཟད་ཀྱང་མ་བྱུང་ངོ་། །ཞེས་གསུངས།