3867

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོ
Tibetan Definition 1 གཉིས། ཆ། ཟུང་བཅས་ཀྱི་དོན། འབྲས་ཀི་ལོ་དོ་ཞེས་པ་ལྟ་བུ། བོད་རྒྱ་ཚིག་མཛོད་ཆེན་མོར། དོའི་འགྲེལ་བཤད་ཅིག་ལ། དོན་གྱི་ངོ་བོ་གང་ཡང་མི་སྟོན་པའི་ཚིག་གྲོགས་ཤིག དཔེར་ན། དོ་སྙོམས་པ། ཞེས་གསུངས་པ་ལ་སྐྱོན་འདི་སྣང་སྟེ། དོ་སྙོམས་པ་ཞེས་པའི་དོ་ནི་མཉམ་པའམ་སྙོམས་པའི་དོན་ཏེ། དཔེར་ན། དོ་ཤལ་ཞེས་པའི་དོ་ནི་མཉམ་པ་སྟེ་དཔུང་པ་གཡས་གཡོན་མཉམ་པར་ཡོད་པས་དོ། ཐུར་དུ་དཔྱང་ནས་ཡོད་པས་ཤལ་ཟེར་བ་བཞིན་ནོ། །དོའི་དོན་སྙོམས་པ་ཡིན་ན་འདིར་ཟློས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འདིར་ཚིག་སྡེབ་སྦྱོར་དབང་གིས་བརྗོད་པའི་ཕྱིར་རོ། །ཇོ་བོ་རྗེ་ཟེར་བ་ལྟ་བུ་ཇོ་བོ་དང་རྗེ་ཞེས་པ་གཉིས་དོན་གཅིག་ཅིང་། བཤེས་གཉེན་དང་། གཞན་ཡང་། འདི་དང་འདྲ་བ་མང་དུ་ཡོད་དོ། །དོ་ཤལ་ལ་གཟིགས། དོ། ཞེས་པ་ཕན་ཚུན་དང་། གཡོན་གཡོན་གྱི་ཆ། ཞེས་པའི་དོན་ཡིན། གཡས་གཡོན་ཆ་སྙོམས་པ་ལ། དོ་སྙོམས་ཞེས་པ་ལྟ་བུ། ད་དུང་དཔྱད།