3880

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོ་ཤལ་ཕྱེད་པ
Tibetan Definition མུ་ཏིག་གི་ཕྲེང་བ་ནུ་མ་སླེབས་ཙམ་དུ་འཕྱང་བའི་བྲང་རྒྱན་ཐུང་ངུའི་གྱི་མིང༌། འདི་ལ་སེ་མོ་དོ་ཡང་ཟེར། ཞིབ་ཏུ་བཤད་ན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༦༢ན༡ལས། དོ་ཤལ་ཕྱེད་པ་ནི་དོ་ཤལ་གྱི་གློ་གཉིས་སུ་དོ་ཤལ་ལས་ཅུང་ཟད་ཐུང་བར་འཕྱང་བའི་རིན་པོ་ཆེའི་ཕྲེང་བ་དྲང་པོར་བྱ་བར་གསུངས་པས།་ཞེས་གསུངས་སོ། །ཡོངས་གྲགས་སུ་མུ་ཏིག་ལ་སྦྱར་ནས་བཤད་མོད། གཡུ་དང་བྱུ་རུ་སོགས་རིན་པོ་ཆེ་གཞན་ལའང་རིགས་འགྲེ་སྦྱོར་རུང་བར་སེམས། དོ་ཤལ་ཕྱེད་པ་དང་དོ་ཤལ་གྱི་ཁྱད་པར་ནི། རིང་ཐུང་གི་ཁྱད་པར་ཏེ། དེ་ཡང་མུ་ཏིག་གི་ཕྲེང་བ་ནུ་མ་སླེབས་ཙམ་དུ་འཕྱང་བ་ནི་སེ་མོ་དོའམ་དོ་ཤལ་ཕྱེད་པ། ལྟེ་བ་སླེབས་ཙམ་དུ་འཕྱང་བ་ནི་དོ་ཤལ་ལོ། །དོ་ཤལ་ཕྱེད་ཀ་ལ་སེ་མོ་དོ་ཞེས་བྱ་སྟེ། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས། སེ་མོ་དོ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་གྱི་ཕྱེད་ནུ་མ་དག་གི་སྟེང་ན་གནས་པའོ། །ཞེས་གསུངས་སོ། །དེས་ན་དེ་གཉིས་ནི་རིང་ཐུང་གི་ཁྱད་པར་ཙམ་མོ། །འདུལ་བ་རྣམ་འབྱེད་འགྲེལ། ལུང་ཕྲན་ཚེགས་འགྲེལ། ལུང་གཞིའི་འགྲེལ་པ། མཚོ་ཊཱིཀ་སོགས་རྒྱ་བོད་ཀྱི་གཞུང་མང་པོར་ལེགས་པར་བརྟགས་ཏེ་བཀོད་དོ། །