From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དོན་གྱི་དབང
|
Tibetan Definition
|
(ཕར་ཕྱིན) 1 དགོས་པའི་དབང་། དགོས་དབང་། དགོས་པའི་སྟོབས། སྒྲ་བཤད་ནི། དོན་ནི་ཆེད་དུ་བྱ་བའམ་དགོས་པ་དང་དབང་ནི་སྟོབས་སོ། །རྣམ་འབྱེད་འགྲེལ་༼ ཚུ ༽༡༩བ༤ལས། དོན་གྱི་དབང་ཞེས་བྱ་བ་ནི་དགོས་པའི་སྟོབས་སོ། །ཞེས་གསུངས་པ་ལྟར་རོ། །ལུང་རྣམ་འབྱེད་༼ ཅ་པ ༽༢༨ན༣ལས། དེ་བཞིན་གཤེགས་པ་ནི་དོན་གྱི་དབང་གཉིས་གཟིགས་པ་ན་དགེ་སློང་གི་དགེ་འདུན་སྡུད་པར་མཛད་དེ། ཞེས་གསུངས། 2 འབྲས་བུའི་མིང་ལའང་བཤད། རྣམ་འབྱེད་འགྲེལ་༼ ཚུ ༽༡༤༨བ༢ལས། དོན་གྱི་དབང་ཞེས་བྱ་བ་ནི་འབྲས་བུའོ། །ཞེས་ཀྱང་གསུངས་སོ། །
|