From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དོན་གྱི་དབང་འདི་གཟིགས་ནས
|
Tibetan Definition
|
(ཕར་ཕྱིན) དགོས་དབང་འདི་འདྲ་ཞིག་ལ་གཟིགས་ནས་ཞེས་པའི་དོན། རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང། དངོས་པོའི་དེ་ཁོ་ན་ཉིད་ཀྱང་འཐད་པས་སྐྲུབ་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར་རོ། །དོན་གྱི་དབང་འདི་གཟིགས་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་སོ། །ཞེས་པ་ལྟ་བུ།
|