From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁ་ཚོན་བཅད་པ
|
Tibetan Definition
|
ཐག་བཅད་པ། ངེས་པར་བྱས་པ། སྒྲ་བཤད་ནི། ཁ་ཚོན་ནི་འདིར་ཁ་ཁྱེར་གྱི་དོན་ཡིན་པས། འབྲུ་སོགས་འཇལ་བའི་ཚེ་ཁ་ཁྱེར་དང་མཉམ་པར་གྲིས་བཅད་པ་ལྟར་ཏག་ཏག་འཇལ་བ་ལ་ཁ་ཚོན་གཅོད་ཟེར་བས། དེ་དཔེ་རུ་བླངས་པ་སྟེ་ཐག་བཅད་པའི་དོན་ནོ། །ཡང་ན། ཁ་ཚོན་ནི་ཁ་ཞེང་ངམ་མཐའི་དོན་དང་གཅོད་པ་དང་བཅད་པ་ནི་ནམ་འཕང་གཅོད་ཅེས་པ་ལྟར་འགྲོ་བ་དང་སོང་བའི་ཡིན་པས་མཐར་སླེབས་པའམ་གཏུགས་པའི་དོན་ནོ། །དཔེར་ན་རྒྱ་མཚོར་སོང་སོང་ནས་མཐར་སླེབས་པ་ལྟ་བུ་སྟེ་ངེས་པའི་དོན་ནོ། །དེས་མཐའ་གཅོད་ལའང་རིགས་འགྲེའོ། །
|