From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དོན་དམ་བདེན་པ
|
Tibetan Definition
|
སྟོང་ཉིད། སྒྲ་བཤད་ནི། དོན་ནི་ཤེས་བྱ། དམ་པ་ནི་མཆོག་གོ། དེས་ན་ཤེས་བྱའི་མཆོག་ཡིན་པས་ན་དོན་དམ་མོ། །ཡང་ན་དམ་པ་ནི་ཡུན་ཅན། དོན་ནི་ཡུལ་ཏེ། སྟོང་ཉིད་རྟོགས་པའི་མཉམ་གཞག་ཟག་མེད་ནི་དམ་པ་ཡིན་ལ། དེའི་ཡུལ་ཡིན་པས་ན་དོན་ནོ། །ཡང་ན་དམ་པ་ཡུལ་ཅན། དོན་ནི་ཆེད་དུ་གཉེར་བྱ་སྟེ། སྟོང་ཉིད་རྟོགས་པའི་རྗེས་དཔག་ལྟ་བུ་སྟོང་ཉིད་རྟོགས་པས་ན་དམ་པ། གྲོལ་བ་དོན་གཉེར་རྣམས་ཀྱི་ཆེད་དུ་གཉེར་བྱ་ཡིན་པས་ན་དོན་ནོ། །བདེན་པའི་སྒྲ་བཤད་ནི། སྣང་ཚུལ་དང་གནས་ཚུལ་མཐུན་པའི་མི་བསླུ་བ་ཡིན་པའི་ཕྱིར་བདེན་པའོ། །
|