3961

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྭ་ཕྲུག
Tibetan Definition ཕ་མ་ཤི་བའི་བུ་ཕྲུག་གི་མིང་། སྒྲ་བཤད་ནི། འདིའི་དྭ་ཞེས་པ་ལེགས་སྦྱར་གྱི་སྦྱིན་པའི་སྐད་དོད་དཱ་ན་ཞེས་པ་ཟུར་ཆག་པར་སེམས་ཏེ། གཞན་གྱི་སྦྱིན་པའམ་བཀའ་དྲིན་གྱིས་གསོས་པས་ན་དྭ་ཞེས་བརྗོད་དེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༨༧བ༣ལས། དྭ་ཞེས་བྱ་བ་ནི་ཕ་ཤི་བའི་བུ་སྟེ་གཞན་གྱིས་གསོས་པའི་ཕྱིར་རོ། །ཞེས་གསུངས་སོ། །