From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དྭགས་པོ་ངག་དབང་གྲགས་པའི་གསུང་འབུམ་དཀར་ཆག
|
Tibetan Definition
|
འཇམ་དབྱངས་གཙང་པ་བདུན་རྒྱུད་ཀྱི་ཐ་མ་རྗེ་བློ་གྲོས་བརྟན་པའི་སློབ་མ་དྭགས་པོ་ངག་དབང་གྲགས་པའི་གསུང་འབུམ་ནི། འདུལ་བ་རྒྱ་མཚོའི་རྣམ་བཤད་གཞན་ཕན་ལ་ཤོག་བུ་བཞི་བཅུ་ཐམ་པ། ལམ་རིམ་སྐྱེས་བུ་འབྲིང་མན་ཆད་སྦྱོར་ངག་ཏུ་བསྒྲིལ་བ་ལ་བརྒྱ་དང་སུམ་ཅུ་སོ་བཞི། ལམ་རིམ་ཉིང་ཁུ་ཚིགས་བཅད་མ་ལ་སུམ་ཅུ་ཐམ་པ། རྟེན་འབྲེལ་བསྟོད་པའི་ཊཱི་ཀ་ལ་ཉི་ཤུ་རྩ་བཞི། སྐྱེས་རབས་སོ་བཞི་པའི་འགྲེལ་པ་ལ་བཞི་བཅུ་ཞེ་དགུ། གནས་བརྟན་བཅུ་དྲུག་གི་ཆོ་ག་ལ་ཉེར་བརྒྱད། དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་ལེ་ཚན་དང་པོ་སུམ་ཅུ་སོ་གཉིས། གཉིས་པ་ལ་ཉི་ཤུ་རྩ་ལྔ། འཕགས་པ་ལྷའི་དྲིས་ལན་ལ་སུམ་ཅུ་སོ་ལྔ། ས་གསུམ་མའི་ས་བཅད་སོགས་ལ་ཉི་ཤུ་ཐམ་པ། གསུང་མགུར་གྱི་རིམ་པ་སོགས་ཉི་ཤུ་རྩ་གཉིས། བློ་གྲོས་བརྟན་པའི་རྣམ་ཐར་གསོལ་འདེབས་སོགས་ལ་ཉི་ཤུ་རྩ་དགུ། གསང་བ་འདུས་པའི་བསྐྱེད་རྫོགས་རྒྱས་པ་ལ་སུམ་ཅུ་སོ་དྲུག་བསྡུས་པ་ལ་བཅོ་བརྒྱད། དྲིལ་བུ་ལུས་དཀྱིལ་གྱི་བསྐྱེད་རྫོགས་ལ་སུམ་ཅུ་སོ་བདུན་བཅས་སོ། །
|