3982

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲང་དོན་གྱི་མདོ
Tibetan Definition གདུལ་བྱ་ཁ་དྲང་བ་དང༌། དེའི་དགོངས་པ་བཤད་ནས་དོན་གཞན་དུ་དྲང་དགོས་པའམ། ཡང་ན་སྒྲ་ཇི་བཞིན་པར་བཟུང་བས་ཆོག་ཀྱང་དེ་ཙམ་ཞིག་དེ་དག་གི་ཡིན་ལུགས་དེ་ཁོ་ན་ཉིད་མ་ཡིན་པས་ད་དུང་དེའི་དེ་ཁོ་ན་ཉིད་དེ་ལས་གཞན་དུ་བཙལ་དགོས་པའི་མདོ་ལ། དྲང་དོན་གྱི་མདོ་ཟེར། གདུལ་བྱ་ཁ་དྲང་བ་ནི། གདུལ་བྱ་ཐེག་པ་ཆེན་པོར་ཁ་དྲང་བའི་ཕྱིར་དུ་གང་ཟག་གི་བདག་ཡོད་པར་བསྟན་པའི་མདོ་ལྟ་བུ། དངོས་ཟིན་གྱི་དོན་གཞན་དུ་དྲང་དགོས་པ་ནི། ཕ་མ་གསད་བྱར་གསུངས་པའི་དངོས་ཟིན་གྱི་དོན་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་བས་དེ་ལས་གཞན་དུ་ལས་དང་སྲེད་པ་གཉིས་ལ་དྲང་དགོས་པ་ལྟ་བུའོ། །མཐར་ཐུག་གི་དོན་ལ་དྲང་དགོས་པ་ནི། སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བར་སྟོན་པ་ལྟ་བུ། དེའི་དོན་སྒྲ་ཇི་བཞིན་པར་བཟུང་བས་ཆོག་མོད་ཀྱང་སྦྱིན་པས་ལོངས་སྤྱོད་རྒྱ་ཆེན་པོ་བསྐྱེད་པ་དེ་དེའི་ཡིན་ལུགས་ཡིན་གྱི་དེ་མ་ཡིན་པའི་སྦྱིན་པའི་ཡིན་ལུགས་མེད་དོ་ཞེས་སྨྲ་བ་ལ། སྦྱིན་པས་ཡིན་ལུགས་ནི་དེ་ཙམ་མ་ཡིན་གྱི་དེ་ལས་གཞན་དུ་དེའི་དེ་ཁོ་ན་ཉིད་འཚོལ་དགོས་སོ་ཞེས་འཆད་པ་ལྟ་བུའོ། །