3988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས
Tibetan Definition དྲང་སྲོང་མཆོག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་གནས་ཡིན་པས་དྲང་སྲོང་སྨྲ་བ་ཞེས་བྱ་ལ། རི་དྭགས་ཀྱི་ནགས་ཞེས་པ་ནི། རི་དྭགས་རུ་རུ་མང་པོ་གནས་པ་དང༌། ཤ་བ་སྦྲུམ་མའི་དོན་དུ་རི་དྭགས་ཀྱི་རྒྱལ་པོས་སྲོག་བཏང་བའི་རྐྱེན་གྱིས་རྒྱལ་པོས་དེ་རྣམས་ལ་མི་འཇིགས་པ་བྱིན་པ་དང༌། ཆོས་འཁོར་བསྐོར་བའི་ཚེ་རི་དྭགས་ཤ་བ་གསུམ་རྟག་པར་ཆོས་ཉན་དུ་འོངས་པ་སོགས་ལ་བརྟེན་ནས་རི་དྭགས་ཀྱི་ནགས་དང༌། རི་དྭགས་བྱིན་པའི་ཚལ་དང༌། རི་དྭགས་རྒྱུ་བའི་གནས་སོགས་དུ་མར་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་རོ། །འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ན་འདིའི་སྐོར་ཟུར་ཙམ་གསལ།