3989

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲངས
Tibetan Definition (འདས་པ) འདྲེན་པའི་འདས་ཚིག འདྲེན། དྲངས། དྲང་། དྲོངས། 1 འཐེན་པ། ཤིང་རྟས་དྲངས་ཞེས་པ་ལྟ་བུ་དང་། ཐག་རིང་དུ་དྲངས་ཞེས་པ་ལྟ་བུའོ། །2 ཁྲིད་པ། ཐར་པའི་ལམ་དུ་དྲངས་ལྟ་བུ། 3 བསྐྱེད་པ། གྲུབ་པ། སྔོན་བསགས་དགེ་བའི་ལས་ཀྱིས་དྲངས། ལུང་རིགས་ཀྱི་ལམ་ནས་དྲངས་ལྟ་བུ། 4 རྒྱུ་བྱས་པ། སྔོན་འཛིན་མིག་ཤེས་ཀྱིས་དྲངས་ནས་སྐྱེས་པའི་སྔོན་པོ་ངེས་པའི་ངེས་ཤེས་ཞེས་པ་ལྟ་བུ། 4 བཤད་པ། བཀོད་པ། བསྐྱར་བ། ལུང་དྲངས་ཞེས་པ་ལྟ་བུ། 5 བཟའ་བཏུང་སོགས་ཕུལ་བ། གསོལ་སྟོན་དྲངས་ལྟ་བུ། 6 ཡིད་ཕྲོགས་པའམ་ཆགས་པ། དབེན་པའི་ཡོན་ཏན་མཐོང་བས་ཡིད་དྲངས་པའི་ཕྱི་ནང་གི་གཡེང་བ་ཀུན་རེ་ཞིག་དོར་བའི་རྣལ་འབྱོར་པ་ཞེས་པ་ལྟ་བུ། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༨༨བ༣ལས། བུ་ཁྱོད་རྣམ་གཡེང་འདུ་རྫི་རྙེད་བཀུར་ལ། །དགའ་བར་འཛིན་པ་ཆོམ་རྐུན་ལྟར་མཐོང་ནས། །དབེན་པར་ཚུལ་བཞིན་བསྒྲུབ་པ་ལྷུར་བྱས་པའི། །གཏམ་འདིས་ཁོ་བོའི་སྙིང་ནི་ཅི་ཡང་དྲངས། །ཞེས་གསུངས་པ་ལྟ་བུའོ། །