399

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་འཆུས་པ
Tibetan Definition ཁ་འཆུ་བའི་འདས་ཚིག སྤྱིར་འཆུ་བ་ཞེས་པ་འགྱུར་བ་དང་ཡོ་བའི་དོན་ཡིན་ཞིང་། གཅུ་བ་ཞེས་པའི་བྱེད་མེད་ལས་ཚིག་ཡིན། གཅུས་གཟེར་གཅུ་བ་ཞེས་པའི་གཅུ་དང་དོན་འདྲ་བ་ཡིན། རྗེའི་རྣམ་ཐར་ཆེན་མོ་ལས། ཤ་མར་རྩམ་པ་སོགས་ཀྱིས་ཕན་འདོགས་པའི་སྦྱིན་བདག་འགའ་ཞིག་ཙམ་རི་བོ་དགེ་ལུགས་པའི་ཕྱོགས་སུ་ཁ་འཆུས་དོགས་ཀྱི་སྡུག་བསྔལ་གྱིས་ཀུན་ནས་བསླངས་ཏེ་འདི་འདྲ་ཞིག་བརྩམས་ན། རྨོངས་རྒན་དེ་དག་ལ་བཟང་ངན་འབྱེད་པའི་བློ་གྲོས་མེད་པའི་དབང་གིས་གང་སྨྲས་པ་དེ་དག་ཡིན་ཤག་གིས་བདེན་པར་འཛིན་ཡོང་སྙམ་པའི་ལྟོགས་འདོད་ཀྱི་བསམ་པ་དེ་ཙམ་ཞིག་གིས་སྦྱར་བ་ཡིན་འདུག་ཅིང༌། ཞེས་གསུངས་པ་ལྟར་རོ། །