4000

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲན་པ་ཉེར་གཞག་བཞི
Tibetan Definition བྱང་ཕྱོགས་སྡེ་ཚན་བདུན་གྱི་དང་པོ་དྲན་པ་ཉེར་གཞག་བཞི་ནི། ལུས་དྲན་པ་ཉེར་གཞག (ལུས་དྲན་པ་ཉེར་གཞག་གིས་ལུས་སྡུག་བདེན་དུ་བསམས་ནས་དེ་ལ་འབྲལ་འདོད་ཀྱི་བློ་སྐྱེད་པར་བྱེད) ཚོར་བ་དྲན་པ་ཉེར་གཞག (དེས་ཚོར་བས་སྲེད་པ་འདྲེན་པར་མཐོང་ནས། སྲེད་པའམ་ཀུན་འབྱུང་ལ་སྤོང་འདོད་ཀྱི་བློ་སྐྱེད་པར་བྱེད) སེམས་དྲན་པ་ཉེར་གཞག (དེས་བདག་དང་བྲལ་བའི་སེམས་སྐད་ཅིག་གིས་སྐྱེ་འགག་བྱེད་པར་རྟོགས་ནས། བདག་ཆད་ཀྱིས་དོགས་པའི་འཇིགས་པ་མེད་པས་འགོག་པ་མངོན་དུ་བྱ་འདོད་སྐྱེད་པར་བྱེད) ཆོས་དྲན་པ་ཉེར་གཞག (དེས་ཀུན་ཉོན་སྤང་བྱ་དང༌། རྣམ་བྱང་བསྟེན་བྱར་རྟོགས་ནས་ལམ་བདེན་བསྒོམ་འདོད་སྐྱེད་པར་བྱེད་དོ) དྲན་པ་ཉེར་གཞག་ལ་གཟིགས།