4013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་གཙང་ཁང
Tibetan Definition <གནྡྷ་ཀུ་ཊཱི> 1 འདུ་ཁང་གི་སྦུག་ཁང་ངམ། ལྷ་ཁང་སྦུག་མའི་མིང་དུ་གྲགས་ཆེ། དེང་སང་གཙུག་ལག་ཁང་གི་མིང་ལ་གནྡྷཱོ་ལ་ཟེར་ལ། འོན་ཀྱང་བྱེ་བྲག་རྟོགས་བྱེད་ཆེན་པོ་༡༢༦བ༡ལས། དྲི་གཙང་ཁང་གི་སྐད་དོད་གནྡྷ་ཀུ་ཊཱི་རུ་བཤད་དོ། །2 སྤྱིར་བཏང་ལྷ་ཁང་ལའང་འཇུག སྒྲ་བཤད་ནི། ཤིན་ཏུ་གཙང་ཞིང་དད་པ་ཅན་དག་གིས་རྫས་དྲི་ཞིམ་པོ་དག་གིས་བྱུགས་པའི་ཕྱིར་དེ་ལྟར་དུ་བཏགས། ཡང་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། སྤྱིར་གཙང་ནི་ཕུ་དང་གཙོ་བོ་སོགས་ལ་འཇུག་པས། འདིར་ཕུའམ་སྦུག་མ་ལ་སྦྱར་ནས། ལྷ་ཁང་སྦུག་མ་ཡིན་པས་གཙང་ཁང་ཞེས་བྱའོ། །གཙང་གི་སྐོར་ཞིབ་པ་གཙང་པ་ཞེས་པའི་ཐད་དུ་གཟིགས།