4014

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་ཆབ
Tibetan Definition 1 ཉེར་སྤྱོད་ལྔའི་ཡ་གྱལ་གྱི་དྲི་ཆབ་ནི་བསིལ་བ་སྟེར་བའི་དྲི་བཟང་གི་རིགས་སྤྱིའི་ལྡེ་གུའམ་ལྷག་པར་ཙནྡན་གྱི་ཕྱེ་མ་ཆུར་སྦངས་པའི་སྐྱོ་མ་ལ་ཟེར། ཉེར་སྤྱོད་ལྔ་འབུལ་བའི་སྲོལ་འདི་རྒྱ་གར་ནས་དར་ཞིང་། རྒྱ་གར་ཚ་བ་ཤིན་ཏུ་ཆེ་བའི་ཡུལ་ཡིན་པས། ཙནྡན་གྱི་ལྡེ་གུའམ་སྐྱོ་མ་སྙིང་ག་ལ་བྱུག་པ་ཡིན། དེའི་རྒྱུ་མཚན་ནི་ཙནྡན་ལ་བསིལ་བའི་ཁྱད་ཆོས་ཡོད་པ་དང་། ལུས་ཀྱི་ཆ་ཤས་ཐམས་ཅད་ཀྱི་ནང་ནས་སྙིང་ག་ཚ་དྲོད་ཆེ་ཤོས་ཡིན་པའི་གནད་ཀྱིས་དེ་ལྟར་བྱེད་པ་ཡིན། དེར་མ་ཟད་དྲི་ཆབ་ཀྱི་ཕྱག་རྒྱས་ཀྱང་ཤེས་པར་ནུས་ཏེ། དེའི་ཕྱག་རྒྱ་བྱེད་པའི་ཚེ་བྱུག་པའི་སྟངས་ཀ་བྱེད་པས་སོ། །