4052

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲུག་པོ་འདས་མ་ཐག་པ་ཡི
Tibetan Definition །རྣམ་ཤེས་གང་ཡིན་དེ་ཡིད་དོ། 1 ཚིག་རྐང་གཉིས་པོ་འདིའི་དོན་ནི། དྲུག་པ་ཡིད་ཤེས་ཀྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་ཡིད་ཀྱི་རྣམ་ཤེས་དེ་ཡིད་ཀྱི་ཁམས་ཡིན་ནོ་ཞེས་པའོ། །རྣམ་ཤེས་ཚོགས་དྲུ༵ག་པོ༵་དེ་དག་རང་རང་གི་དུས་སུ་འད༵ས་པའམ། འགགས་མ༵་ཐ༵ག་པའི༵་ཡིད་ཀྱི་རྣ༵མ་ཤེ༵ས་ག༵ང་ཡི༵ན་པ་དེ༵་ནི་ཡི༵ད་དོ༵་སྟེ་ཡིད་ཀྱི་ཁམས་ཡིན་ནོ། །ཞེས་པའོ། །དཔེར་ན་མིག་གི་རྣམ་ཤེས་ཀྱི་དུས་སུ་འགགས་མ་ཐག་པའི་ཡིད་ཀྱི་རྣམ་ཤེས་གང་ཡིན་པ་དེ་ལ་ཡིད་ཀྱི་ཁམས་ཞེས་བརྗོད་པ་ལྟ་བུའོ། །མཁས་པར་རློམ་པ་མང་པོས་ཀྱང་ཚིག་འདིའི་དོན་ལ་རྨོངས་པར་སྣང་བས་གསལ་བར་བཀོད་ཡོད་དོ། །2 ཡང་ན། རྣམ་ཤེས་ཚོགས་དྲུག་འདས་མ་ཐག་པའི་རྣམ་ཤེས་གང་ཡིན་པ་དེ་ཡིད་ཡིན་ནོ་ཞེས་པའི་དོན་ནོ། །སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས་ཀྱང་། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་བྱ་བས་འགགས་མ་ཐག་པའི་ཡིད་རྐྱེན་ཉིད་ཡིན་པའི་ཕྱིར་དེ་ལན་དུ་མི་རུང་ངོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ལས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཅེས་བྱ་བའི་རྣམ་པར་ཤེས་པ་དྲུག་པོ་དག་འདས་མ་ཐག་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡིད་ཡིན་པར་འདོད་པས་དེའི་ཕྱིར་འགགས་མ་ཐག་པའི་ཡིད་རྐྱེན་ཉིད་ཡིན་པའི་ཕྱིར། ཞེས་སོགས་གསུངས་པའང་གོང་དུ་སྡེ་བདུན་ཡིད་ཀྱི་མུན་སེལ་ལས་བཤད་པ་དང་དོན་གཅིག་གོ་སྙམ། 3 ཡང་ན། མཛོད་ཀྱི་ཚིག་འདིའི་གོ་དོན་ནི། རྣམ་ཤེས་ཚོགས་དྲུག་པོ་འགགས་ནས། ཡིད་ཀྱི་རྣམ་ཤེས་ཕྱི་མ་སྐྱེ་བའི་གོ་འབྱེད་པའི་ནུས་པ་ཉིད་ཡིད་དབང་ཡིན་ནོ། །ཞེས་པའི་དོན་ནོ། །མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་གྱི་དགོངས་པའོ། །ཡང་ན། མཛོད་ཀྱི་ཚིག་འདིའི་གོ་དོན་ནི། རྣམ་ཤེས་ཚོགས་དྲུག་པོ་འགགས་ནས། ཡིད་ཀྱི་རྣམ་ཤེས་ཕྱི་མ་སྐྱེ་བའི་གོ་འབྱེད་པའི་ནུས་པ་ཉིད་ཡིད་དབང་ཡིན་ནོ། །ཞེས་པའི་དོན་ནོ། །མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་གྱི་དགོངས་པའོ། །