From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དྲུང་ཇ་ཚོགས
|
Tibetan Definition
|
༸གོང་ས་ལྔ་པ་ཆེན་པོས་གདན་ས་སེར་འབྲས་དགའ་གསུམ་སོགས་དགོན་ཁག་ནས་དགེ་འདུན་པ་ལྔ་བཅུ་སྐོར་ཞིག་གཞུང་ཞབས་སྐྱ་བོ་རྣམས་དང་ཟུང་འབྲེལ་གྱི་ཐོག་ནས་གཞུང་གི་ལས་ཁུངས་ཁག་དང་། རྫོང་གཞིས་ཁག་བཅས་པར་གཞུང་དོན་ལས་ཁུར་མཉམ་ལེན་ཞུ་བའི་ལམ་སྲོལ་གསར་གཏོད་བསྐྱངས། དུས་དེ་ནས་བཟུང་ལྷ་སར་གནས་འཁོད་གཞུང་ཞབས་སེར་མོ་བ་རྣམས་ཉིན་རེ་འཆར་ཅན་ཞོགས་པ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་ཉེ་དྲུང་ངམ། ཉེ་འབྲེལ་ཚོམས་ཆེན་གྱི་མདོ་སྦུག་ཏུ་ཚོགས་ཚུགས་ཐོག རྩེ་གསོལ་ཐབ་ནས་ཚོགས་ཞུགས་ཡོངས་ལ་གསོལ་ཇ་བཏེགས། ཚོགས་ཡུན་ཆུ་ཚོད་གཅིག་ཙམ་གྱི་རིང་དེར་༧གོང་ས་མཆོག་གི་མཇལ་ཁ་བསྩལ་དགོས་རིགས་དང་། བཀའ་འབྲེལ་གཞུང་གི་ལས་དོན་དང་། གཞུང་ཞབས་ཀྱི་ལས་ཁུར་བསྐོ་གཞག་སོགས་མགྲོན་བརྒྱུད་བཀའ་སྒྱུར་བསྩལ། དྲུང་ཇ་གྲོལ་རྗེས་རང་རང་གི་ལས་ཁུངས་སོ་སོར་ཉིན་རེའི་ལས་ཁུར་ཞུ་བར་བསྐྱོད་དགོས་པ་བཅས་སོ། །ཞེས་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་བརྩམས་པའི་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་ལས་གསུངས་པ་ལྟར་བཀོད།
|