4072

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྷརྨ་རཀྵི་ཏ
Tibetan Definition (ལེགས་སྦྱར) བོད་སྐད་དུ་བསྒྱུར་ན་ཆོས་ཀྱི་གོ་ཆ་ཞེས་པ་སྟེ། ཇོ་བོའི་བླ་མ་གལ་ཆེན་ཞིག ཇོ་བོས་བླ་མ་དྷརྨ་རཀྵི་ཏ་ལས་བྱེ་བྲག་བཤད་མཛོད་ཆེན་མོ་ལོ་བཅུ་གཉིས་སུ་གསན་པར་རྗེའི་ལམ་རིམ་དུ་གསུངས། བླ་མ་འདི་ནི་རང་གི་སྐུ་ཤ་ཡང་དངོས་སུ་གཞན་ལ་གཏོང་ནུས་པའི་ཁྱད་དུ་འཕགས་པ་ཞིག་སྟེ། བཀའ་གདམས་གླེགས་བམ་༼ ཀ་པ ༽༢༤ལས། བྱམས་པའི་སྐྱེས་མཆོག་གྲུབ་ཆེན་རྣལ་འབྱོར་པ། །རཀྵི་ཏ་ཞེས་རང་ཤའང་གཞན་ལ་སྟེར། །ཐུན་མོངས་མ་ཡིན་སེམས་བསྐྱེད་སྦྱིན་མཛད་པའི། །བླ་མ་དཔའ་བོ་གཉིས་ལ་ཕྱག་འཚལ་ལོ། །ཞེས་གསུངས།