4073

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྷརྨ་ཤཱ་ལཱ
Tibetan Definition (ལེགས་སྦྱར) 1 དྷརྨ་ཤཱ་ལཱ་ धर्मशाला ནི། ཆོས་སྟོན་པའི་འདུན་ཁང་ཞེས་བསྒྱུར་འདུག གོ་བདེ་བར་བཤད་ན། ཆོས་ཀྱི་ཁང་པ་སྟེ། དེ་ཡང་དྷརྨ་ནི་ཆོས། ཤཱ་ལཱ་ནི་ཁང་པའོ། །2 དྷ་རམ་ས་ལ་ཞེས་བྱ་བ་དྷརྨ་ཤཱ་ལཱ་ཟུར་ཆག་པ་ཡིན། རི་ལྡེབས་སུ་ཆགས་པའི་རྒྱ་གར་བྱང་ཕྱོགས་ཁུལ་གྱི་གྲོང་ཁྱེར་ཆུང་ཆུང་ཞིག་སྟེ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་བཞུགས་སྒར་དང༌། བཙལ་བྱོལ་བོད་གཞུང་གི་གལ་ཆེའི་བསྟི་གནས་ཤིག འདི་ལ་ཕྱི་རྒྱལ་བས་བོད་ཆུང་ངུ་ཞེས་ཀྱང་འབོད། 3 རྒྱ་གར་བས། དྷརྨ་ཤཱ་ལཱ་ཞེས་པ་ཆོས་ཀྱི་འགྲོན་ཁང་ཞེས་པ་དབུལ་ཕོངས་ཉམ་ཐག་གི་ཆེད་དུ་སྦྱིན་གཏོང་གི་ཚུལ་དུ་རིན་མེད་དུ་སྡོད་ཆོག་པའི་གནས་ཚང་ལྟ་བུ་ཞིག་ལ་ངོས་འཛིན་བྱེད། དབྱིན་ཇིའི་སྐད་དུ་ Hospice ཟེར། ལོ་བཞི་བཅུ་ལྷག་ཙམ་གྱི་སྔོན་ལ་རྒྱ་གར་གྱི་ས་གནས་སིམ་ལ་ཞེས་པར་ངེད་རང་ཆུང་ཆུང་ཡིན་དུས་མོ་ཊའི་འབབ་ཚུགས་ཀྱི་ཉེ་འདབས་སུ་ཁང་པ་ཐོག་བརྩེགས་ཅན་ཡ་ཐོག་ཏུ་གློག་བརྙན་བལྟ་ས་ཡང་ཡོད་པའི་དྷརྨ་ཤཱ་ལཱ་ཞིག་ཏུ་གནས་ཚང་བྱས་ནས་ལན་མང་བསྡད་པ་ད་ལྟ་ཡང་ལྷང་ངེར་དྲན།