4074

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྷཱིཿ
Tibetan Definition (ལེགས་སྦྱར) 1 བློའམ་བློ་གྲོས་ཀྱི་སྐད་དོད། དྷཱི་ནི་ལེགས་སྦྱར་གྱི་བློའམ་བློ་གྲོས་ཀྱི་སྐད་དོད་ཡིན་པར་འཕགས་བོད་སྐད་གཉིས་ཤན་སྦྱར་སོགས་སུ་གསལ་ཞིང་། ༧རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༢༩༦ལས་ཀྱང་། བློའི་སྐོད་དོད་ནི། དྷཱི་དང་སྡེབ་སྦྱོར་གྱི་དབང་གིས་ བུདྡྷི་དང་མ་ཏི་སོགས་འཇོག་པ་འདུག་མོད། ཅེས་གསལ་ལོ། །མདོར་ན། དྷཱི་ནི་བུདྡྷི་ཞེས་པའི་ཚིག་སྣ་བསྡུས་ནས་དྷཱི་ཞེས་བརྗོད་པ་ཡིན་ནམ་སྙམ་ཞིང་། བུདྡྷི་དང་མ་ཏི་ बुद्धि -मति ནི་བློ་གྲོས་དང་རྣམ་དཔྱོད་ཀྱི་མིང་ངོ་། །དེ་ཡང་རྒྱ་གར་གྱི་ཡུལ་སྐད་ལ་མི་རྣམ་དཔྱོད་ཅན་ལ་བུདྡྷི་མཱན बुद्धिमान ཞེས་བརྗོད་པའི་ཕྱིར་རོ། །2 འཇམ་དབྱངས་ཀྱི་ས་བོན།