From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དྷཱིཿཇི་ལྟར་ཆོས་འཆད
|
Tibetan Definition
|
རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་ཆོས་བཤད་བྱེད་ཅེས་པར་གོ་རུང་ཞེས་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གསུང་བ་ལྟར་རོ། །རྩོད་གྲྭའི་སྐབས་ཕྱག་ཞབས་འདེགས་འཇོག་གི་མཚོན་དོན་ནི། རྐང་པ་གཡོན་པ་ཅུང་ཟད་ཡར་འདེགས་པ་ནི། ཐར་པའི་གནས་སུ་འགྲོ་བའི་རྟེན་འབྲེལ་ལམ་མཚོན་དོན། རྐང་པ་ས་ལ་རྡེབ་པ་ནི། ངན་སོང་དུ་མི་སྐྱེ་བའི་མཚོན་དོན། ལག་པ་ཕྱིར་རྐྱོང་བ་ནི། བཀྲ་ཤིས་ཕྱོགས་མཐར་རྒྱས་པའི་མཚོན་དོན། ལག་པ་ནང་དུ་སྐུམ་པ་ནི། ཆོས་བསྒྲུབ་པའི་མཐུན་རྐྱེན་ལོངས་སྤྱོད་སོགས་གཡང་དུ་འདུ་བའི་མཚོན་དོན་ཡིན་པ་བཅས་སོ། །བཀའ་གདམས་གླེགས་བམ་ལས། རྐང་གཡས་ས་ལ་རབ་བསྣུན་པས། །ངན་སོང་ཡོང་ཡེ་ཡོད་མ་ཡིན། །གཡོན་པ་ཅུང་ཟད་གྱེན་བཏེགས་པས། །ཐམས་ཅད་ང་དང་ལྷན་ཅིག་ཏུ། །ཐར་པའི་གནས་སུ་ཕྱིན་པར་ཤོག །ཕྱག་རྒྱ་ཕྱོགས་སུ་རབ་བསྐྱོད་པས། །བཀྲ་ཤིས་ཕྱོགས་མཐར་རྒྱས་པར་ཤོག །ཕྱག་རྒྱ་ནང་དུ་རབ་བསྐུམས་པས། །དཔལ་འབྱོར་གཡང་དུ་འདུ་བར་ཤོག །འབྲོམ་སྟོན་བཀའ་གདམས་རིན་ཆེན་ངའི། །དམ་པ་ཆོས་ཀྱི་ཇ་སྐོལ་ཡིན། །ཞེས་གསུངས་པ་དང་ཕལ་ཆེར་མཐུན་ནོ། །
|