4119

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནགས
Tibetan Definition ལྗོན་ཤིང་མང་པོ་ཡོད་པའི་ས། སྒྲ་བཤད་ནི། སྐྱེས་ཤིང་སོགས་མང་པོ་འཁྲིགས་ནས་མུན་ནག་ལྟར་གྱུར་ནས་ཡོད་པས། ནག་ཅེས་ཟེར་རྒྱུ་ཡིན་པ་ལ། ཁ་དོག་ནག་པོ་ཙམ་དང་ནོར་གྱིས་དོགས་ནས་ས་མཐའི་ཡང་འཇུག་བསྣན་ནས་ནགསཞེས་མིང་ཚིག་ཏུ་གྲུབ་པར་བྱས་སོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ནགས་ནི་ཐིབས་པོའི་ཕྱོགས་སོ། །ཞེས་གསུངས་སོ། །