4126

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་གི་མཎྜལ
Tibetan Definition རང་གི་སྒོ་གསུམ་རི་རབ་སོགས་ཀྱི་རྣམ་པར་བསྒྱུར་བ་ལ་ནང་གི་མཎྜལ་ཟེར། དེ་འབུལ་བ་ལ་ནང་གི་མཎྜལ་འབུལ་ཟེར་ཏེ། རྒྱལ་མཆོག་བདུན་པའི་འཇིག་བྱེད་བླ་མའི་རྣལ་འབྱོར་ལས། བདག་ལུས་ངག་ཡིད་ཕུང་ཁམས་སྐྱེ་མཆེད་རྣམས། །ཡོངས་སུ་གྱུར་ལས་གྲངས་མེད་འཇིག་རྟེན་སྣོད། །འདོད་དགུའི་ཕུན་ཚོགས་གཏེར་གྱིས་གང་བ་འདི། །བླ་མ་ལྷ་ཡི་ཚོགས་ལ་གུས་པས་འབུལ། །ཞེས་གསུངས་པ་ལྟར་རོ། །