From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནང་མཆོད་འབུལ་ཚུལ
|
Tibetan Definition
|
ནང་མཆོད་འབུལ་བའི་ཚེ་རང་གི་ལག་པ་གཡོན་པའི་མཐེ་བོང་རི་རབ་དང༌། མིང་མེད་བདུད་རྩིའི་རྒྱ་མཚོར་མོས་ཏེ་དེའི་དབུས་ནས་བདུད་རྩི་བླངས་པར་མོས་ཏེ་འབུལ་བར་རྒྱུད་གདན་གཞིར་གསུངས་པ་ལྟར་བྱེད་པའི་རྒྱུ་མཚན་ཡོད་དེ། སྔོན་ལྷ་རྣམས་ཀྱིས་རི་རབ་ལ་སྲུབ་ཤིང་བྱས་ནས་རྒྱ་མཚོ་བསྲུབས་པས་བདུད་རྩི་བྱུང་བ་ལྟར་བསྒོམས་ནས་འབུལ་བ་ཡིན་པའི་ཕྱིར་ཏེ། བདེ་མཆོག་རྩ་རྒྱུད་ལས་ཀྱང༌། སྦོམ་པ་མཐའ་ལྟག་རྩེ་སྦྱར་བས། །རྣལ་འབྱོར་རིགས་པས་རྟག་ཏུ་སྤྱད། །ཅེས་གསུངས་པའི་ཕྱིར། དེ་ཡང་སྦོམ་པ་ནི་མཐེ་བོང་དང༌། མཐའ་ནི་མཐེའུ་ཆུང༌། དེའི་ལྟག་མ་ནི་མིང་མེད་ཡིན་པས། མཐེ་བོང་དང་མིང་མེད་ (སྲིན་མཛུབ) ཀྱི་རྩེ་སྦྱར་ནས་འབུལ་ཞེས་པའི་དོན་ནོ། །
|