4164

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་གྱི་ཆ་གསུམ
Tibetan Definition (འདུལ་བ) ནམ་གྱི་ཐུན་དང་པོ། ཐུན་བར་པ། ཐུན་ཐ་མ་དང་གསུམ་མོ། །སྤྱིར་བཏང་འདི་དབྱར་དགུན་དང་ཉི་མ་རིང་ཐུང་གི་དབང་གིས་དེང་དུས་ཀྱི་ཆུ་ཚོད་དང་སྦྱར་ནས་མཐའ་གཅིག་ཏུ་ཁ་ཚོན་བཅད་ནས་བཤད་པར་དཀའ་ཡང་། རྒྱ་གར་གྱི་ཉི་མ་འཆར་ནུབ་དུས་ཚོད་དེ་བཞིན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་དང་མི་འདྲ་བར་འཕོ་འགྱུར་ཆེར་མེད་པས། དེར་གཞིར་བཞག་སྟེ་བཤད་ན། ཆུ་ཚོད་དྲུག་པ་ལ་ཉི་མ་ནུབ་ནས། སང་གི་དུས་ཚོད་དྲུག་པ་ཙམ་ལ་ཉི་མ་འཆར་བའི་དབང་དུ་བཏང་ན། ཆུ་ཚོད་བཅུ་གཉིས་པོ་དེ་ཆ་གསུམ་དུ་བགོས་ནས། མཚན་མོའི་ཆུ་ཚོད་༦ནས་༡༠བར་རྣམས་ཐུན་དང་པོ། ༡༠ནས་༢བར་རྣམས་ཐུན་བར་པ། ༢ནས་༦བར་རྣམས་ཐུན་ཐ་མར་གཞག་པར་བྱའོ། །