4192

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནར་མའི་ཟས
Tibetan Definition 2 མེ་ལྷ་བསྟོད་པའི་ཆོ་ག་ལ་སོགས་པའི་དུས་སུ་སྟེར་བའི་ཟན་གྱི་མིང་དུ་བཤད་དེ། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བའི་ཚིག་གི་དོན་གྱི་ཟླ་ཟེར་གསོ་བ་རིག་པ་༼ ཀོ་པ ༽༣༡བ་ལས། ནར་མའི་ཟས་ནི། མེ་ལྷ་བསྟོད་པའི་ཆོ་ག་ལ་སོགས་པའི་དུས་སུ་སྟེར་བའི་ཟན་ཏེ། མདུན་ན་འདོན་ལ་སོགས་པ་མ་གཏོགས་པར་གཞན་དག་གིས་ཟོས་ན། སྡིག་པས་གོས་པར་འགྱུར་བར་འདོད་དེ། གང་གི་ཕྱིར་མཆོད་སྦྱིན་རྫོགས་ཁར་དེ་ལས་བྱུང་བའི་སྡིག་པ་ཟད་པར་བྱ་བའི་ཕྱིར། ཉེས་པ་འཆགས་པ་ལས་འགོ་བར་འགྱུར་རོ་ཞེས་ཟེར་རོ། །ཞེས་གསུངས་སོ། །