4199

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནས་སྒྲ
Tibetan Definition འབྱུང་ཁུངས་ཀྱི་སྒྲ། 1 འབྱུང་ཁུངས་དངོས་དཔེར་ན། ས་ནས་སྐྱེས་ལྟ་བུ། འབྱུང་ཁུངས་ཆ་འདྲ་བ་དཔེར་ན། ཐོག་ཁ་ནས་ལྷུང་ལྟ་བུ། ལྷ་ས་ནས་ཐོན་ལྟ་བུ། 2 ནས་སྒྲ་རིགས་མཐུན་དགར་བར་འཇུག་པ་དཔེར་ན། བྱ་ཡི་ནང་ནས་རྨ་བྱ་མཛེས་ལྟ་བུ། 3 ནས་སྒྲ་སྡུད་པ་ལ་འཇུག་པ་ལ། ཡུལ་སྡུད་པ། ལྷ་ས་ནས་རྒྱ་གར་བར་ལྟ་བུ། དུས་སྡུད་པ། ཚེས་གཅིག་ནས་བཅུའི་བར་ལྟ་བུ། དངོས་པོ་སྡུད་པ། མགོ་ནས་རྐང་པའི་བར་ལྟ་བུ། གྲངས་སྡུད་པ། གཅིག་ནས་བཅུའི་བར་ལྟ་བུ། 4 ནས་སྒྲ་བྱེད་པ་པོའི་ཚུལ་དུ་འཇུག་པ་དཔེར་ན། སློབ་པ་རྣམས་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་ལྟ་བུ། ངེད་གཉིས་ནས་ལས་དོན་ཐོག་གྲོས་བསྡུར་བྱས་ལྟ་བུ། རྒྱལ་པོ་ནས་འབངས་ལ་བཀའ་བཏང་ལྟ་བུ། 5 ནས་སྒྲ་བྱེད་པའི་ཚུལ་དུ་འཇུག་པ་དཔེར་ན། ངང་ནས། ཐོག་ནས། སྒོ་ནས་ལྟ་བུ་ཕལ་ཆེར་བྱེད་སྒྲ་ཕལ་པའི་འཇུག་པ་དང་མཐུན་པར་བཤད། དཔེར་ན་སེམས་སྐྱོ་བའི་ངང་ནས་ཕྱིར་ལོག་ལྟ་བུ། ངེད་རྣམས་མི་འགྲོ་དབང་མེད་ཀྱི་ཐོག་ནས་ཕྱིན་ལྟ་བུ། སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས་ལྟ་བུ། 6 ནས་སྒྲ་མཚམས་སྦྱོར་ལྷག་བཅས་ལ་འཇུག་པ་དཔེར་ན། ལེགས་སྐྱེས་གྱ་ནོམ་པ་བྱིན་ནས་བཏང་ལྟ་བུ།