From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནཱ་ག་རའི་ཡི་གེ
|
Tibetan Definition
|
གྲོང་ཁྱེར་གྱི་ཡི་གེ་ཞེས་བྱ་བའི་དོན། དེ་ནི་ཐོན་མི་སཾ་བྷོ་ཊའི་བོད་ཡིག་གི་གཞི་བྱེད་སའི་རྒྱ་གར་གྱི་ཡི་གེ་ཞིག་སྟེ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་ནས་སྔར་ཁ་ཆེའི་ཡི་གེ་ལ་ནཱ་ག་ར་ཟེར་ཞིང༌། དེ་ལ་བརྟེན་ནས་སི་ཏུའི་འགྲེལ་ཆེན་དུའང་ཁ་ཆེའི་ཡི་གེར་གཞི་བྱས་ཏེ་བོད་ཡིག་གི་གཟུགས་གསར་གཏོད་མཛད་གསུངས་ལ། དེང་དུས་དར་བའི་ཁ་ཆེའི་ཡི་གེ་ཨུར་དུ་བྱ་བ་ནི་རྗེས་སུ་ཨ་རབ་བྷིའི་ཡུལ་ནས་དར་བ་ཞིག་ཡིན། ནཱ་ག་རའི་ཡི་གེའི་ངེས་ཚིག་ནི། གྲོང་ཁྱེར་གྱི་ཡི་གེ་ཞེས་བྱ་བ་ཡིན་ལ། ཞེས་ཞྭ་སྒབ་པའི་རྒྱལ་རབས་ན་གསལ་བ་ལྟར་ཡིན་ལ། དེང་དུས་ཀྱི་རྒྱ་གར་གྱི་ཡུལ་སྐད་དུའང༌། པཱུར་Pur དང༌། ནཱ་གར་ Nagar ཞེས་པ་གྲོང་ཁྱེར་ལ་ཟེར་ཏེ། དཔེར་ན་Kushalnagar (Khush-hal-nagar) སྐྱིད་པའམ་བདེ་བའི་གྲོང་ཁྱེར་ཟེར། བུ་སྟོན་རིན་པོ་ཆེ་སོགས་མཁས་པ་མང་པོས་ན་ག་རའི་ཡི་གེ་ལ་གཞི་བྱས་པར་བཞེད་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་པོར། གུཔྟའི་ཡི་གེ་ལ་དཔེ་བྱས་ཚུལ་རྒྱུ་མཚན་དང་བཅས་ཏེ་ཞིབ་པར་བཤད་འདུག་པས་དེར་གཟིགས།
|