4216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནི་སྒྲ
Tibetan Definition དགར་བ་དང༌། ངེས་བཟུང་ངམ་ནན་ཏན་བརྣན་པ་དང༌། ཚིག་ཁ་སྐོང་བཅས་ལ་འཇུག་པའི་ཕྲད་རང་དབང་ཅན་ཞིག དགར་བ་ལ་འཇུག་པ་དཔེར་ན། དང་པོ་ནི་ལྟ་བུ། ངེས་བཟུང་ངམ་ནན་ཏན་བརྣན་པ་ལ་འཇུག་པ་དཔེར་ན། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །ཞེས་པ་ལྟ་བུ་དང༌། དལ་བའི་རྟེན་བཟང་པོ་ཐོབ། དགེ་བའི་བཤེས་གཉེན་དང་ནི་མཇལ། བློ་གྲོས་ཀྱི་མིག་དང་ནི་ལྡན་ལྟ་བུ། ཚིག་གི་ཁ་སྐོང་དུ་འཇུག་པ་དཔེར་ན། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཞེས་པ་ལྟ་བུ། སུམ་རྟགས་ཀྱི་འགྲེལ་བྱེད་ཁ་ཅིག་གིས། དགར་བའི་སྒྲ་དེ་ངེས་བཟུང་གི་སྒྲ་ལ་བཞག་ཡོད།