From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནིམྤ
|
Tibetan Definition
|
(ལེགས་སྦྱར) 1 རྒྱ་གར་གྱི་སྨན་ཤིང་ཞིག རྒྱ་གར་ཡུལ་སྐད་དུ་ नीम ནཱིམ་ཟེར། ཕྱི་རྒྱལ་བས་འདི་ལ་Azadirachta indicahi ཟེར། རོ་ཁ། ཞུ་རྗེས་སྙོམས། ནུས་པས་ཚད་ནད་དང་། སྐོམ་དད། ཡི་ག་འཆུས་པ། པགས་ནད། མེ་དཔལ་སེལ། མིང་གི་རྣམ་གྲངས། ཤིང་ཀུན་འདྲེས། ཡོངས་སུ་བཟང་། དྲི་བཅས། འཆུག་བྱེད། འཇམ་པོ་འཇོམས། ས་སྐྱེས། ཨརྐའི་ལྕུག་མ། ཨརྐའི་ཤིང་བཅས་སོ། །ཤིང་སྡོང་འདི་རྒྱ་གར་བའི་ཁང་ཁྱིམ་གྱི་མདུན་དུ་མང་པོ་སྣང་། འདི་ལ་མེ་ཏོག་དཀར་པོ་ཆུང་ཆུང་ཞིག་ཀྱང་འཆར་རྒྱུ་ཡོད། རྒྱ་གར་གྱི་སྲོལ་རྒྱུན་གྱི་སོ་ཤིང་ཡང་ཤིང་འདི་ཉིད་ཀྱི་ལྕུག་མ་ལས་བཟོས་པ་ཡིན། 2 ཤིང་འཆི་བ་བསླུ་བའི་ལོ་མ། བོད་སྐད་དུ་ཤིང་འཆི་བ་བསླུ་བ་ཟེར། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ནིམ་པ་ནི་ཤིང་འཆི་བ་བསླུ་བའི་ལོ་མའོ། །ཞེས་གསུངས།
|