From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནོར་བུ་ཆུ་ཤེལ
|
Tibetan Definition
|
ཟླ་བའི་འོད་ཟེར་ཕོག་ན་ཆུ་འབྱུང་བའི་རིན་པོ་ཆེའི་རྡོ་རིགས་དཀར་པོ་དྭངས་ཤིང་གསལ་ལ་འོད་འཚེར་བ་ཞིག ཆུ་ཤེལ་དང་དོན་གཅིག་ཡིན། ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས། ནོར་བུ་ཆུ་ཤེས་ཞེས་བྱ་བ་ཟླ་བའི་འོད་ཟེར་གྱིས་ཕོག་ན་ཆུ་རྣམས་འབྱུང་བའི་རྒྱུ་ཡིན་པ་བཞིན་དུ། ཞེས་གསུངས་པ་ལྟར་རོ། །དྲི་མེད་ཤེལ་ཕྲེང་༩༣ལས། ཆུ་ཤེལ་ཀླུ་གདོན་ཚད་པ་ཞི་བར་བྱེད། །ཅེས་པ། ཙནྡྲ་ཀནྟི་ཞེས་བྱ་བ་རིན་པོ་ཆེ་སྟེ། མདོག་དཀར་ལ་སྔོ་བའི་ཆ་ཤས་ཅུང་ཟད་ཡོད་པ། ཚེས་བཅོ་ལྔའི་ཟླ་བ་ཉ་གང་བའི་ཚེ་ཟླ་འོད་ལ་མཚན་མོ་བསྟན་པ་ཙམ་གྱིས་མོད་ལ་ཆུ་ཤིན་ཏུ་གྲང་མོ་འབྱུང་ཞིང་། རྒྱུ་ནི་སའི་ཤེལ་རིགས་སུ་གཏོགས་པས་ཀསྨིར་དང་། མ་ལ་ཝའི་ཡུལ་ནས་འབྱུང་བ་ཤས་ཆེ་ལ་རིན་ཚད་ནི་དངུལ་ཞོ་གང་ལ་རྡོག་པོ་བཅུ་བྱེད་པ་ཡིན། འདི་ལུས་ལ་ཡོད་པས་རྒྱ་དཀར་ནག་གི་རོང་ཚད་ནད་ཀྱིས་མི་ཚུགས་སོ། །རྒྱ་ནག་གི་བཟོ་མ་ཞིག་ཀྱང་འབྱུང་བ་ཚབ་རུང་ཙམ་མོ། །ཞེས་བཤད་དོ། །
|