4259

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་བུ་འཛིན་པའི་སྔགས
Tibetan Definition ༀ་ཡིག་ལ་ཟེར། ༀ་གྱི་ཨ་ཨུ་མ་གསུམ་གྱིས་རྡོ་རྗེ་གསུམ་མཚོན་ཞིང༌། དེ་གསུམ་གཅིག་ཏུ་གྱུར་པའི་ༀ་གྱིས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་མཚོན། སྒྲ་བཤད་ནི། སྔགས་དེའི་མཚོན་དོན་དྲན་པའི་སྒོ་ནས་ངག་ཏུ་བརྗོད་ན་བསོད་ནམས་མང་དུ་སྡུད་པས་ནོར་བུ་འཛིན་པའི་སྔགས་ཞེས་བརྗོད་དེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་དང་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པ་ལྟར་རོ། །