4268

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནྱ་གྲོ་དྷའི་ཀུན་དགའ་ར་བ
Tibetan Definition (འདུལ་བ) 1 རྒྱལ་པོ་ཟས་གཙང་གིས་བཅོམ་ལྡན་འདས་ཁབ་ནས་བྱུང་ནས་ལོ་བཅུ་གཉིས་ཀྱི་རྗེས་སུ་སླར་ཡང་སེར་སྐྱའི་གཞིར་ཕེབས་པའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཕོ་བྲང་དུ་མི་བཞུགས་པར་ཤེས་ནས། གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང༌། ཁང་ཕྲན་དྲུག་ཅུ་བརྩིགས་ཏེ་ཤིང་ནྱ་གྲོ་དྷའི་སྐྱེད་མོས་ཚལ་ཡང་ཞིང་རྒྱ་ཆེ་བ་ཞིག་ཕུལ་བ་དེ་ལ་ཟེར། 2 ནྱ་གྲོ་དྷའི་སྐྱེད་མོས་ཚལ་དུ་བརྩིགས་པའི་གཙུག་ལག་ཁང༌། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས། ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་ཞེས་བྱ་བ་ནི་གཙུག་ལག་ཁང་སྟེ། ཤིང་ལྗོན་པའི་ནྱ་གྲོ་དྷས་མཆོད་པའི་སྐྱེད་མོས་ཚལ་དུ་གཙུག་ལག་ཁང་བརྩིགས་པའི་ཕྱིར་རོ། །ཞེས་གསུངས།