From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པ་ཊ་ལི་པུ་ཏྲ
|
Tibetan Definition
|
(ལེགས་སྦྱར) པ་ཊ་ལི་པུ་ཏྲ་ Pataliputra ཞེས་པ་དེང་སང་པ་ཊ་ན་ Patna पटना ཞེས་པ་ཝི་ཧཱར་གྱི་མངའ་སྡེའི་རྒྱལ་ས་དེ་ཡིན་པར་དེང་སང་གི་རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་རྣམས་དང་དགེ་ཆོས་ཀྱིས་ཀྱང་གསུངས། དེ་ནི་ཆོས་རྒྱལ་ (ཨ་ཤྭོ་ཀ) མྱ་ངན་མེད་ཅེས་བྱ་བ་འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་མཁན་དེའི་རྒྱལ་ས་ཡིན། སྔོན་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ཟེར་ཞིང༌། བོད་སྐད་དུ་སྐྱ་ནར་བུའི་གྲོང་ཁྱེར་བྱ་བ་དེ་ཡིན། རྒྱལ་པོ་མྱ་ངན་མེད་ཀྱི་ཕོ་བྲང་གི་ཤུལ་དང་གཞན་ཡང་གྲོང་ཁྱེར་གྱི་གནའ་དངོས་འགྲེམས་སྟོན་ཁང་གི་ནང་དུ་སྔོན་གྱི་སྐུ་བརྙན་ངོ་མཚར་ཅན་མང་པོ་དང༌། མྱ་ངན་མེད་ཀྱི་བཙུན་མོའི་འདྲ་བརྙན་ཡིན་ནམ་ཟེར་བའི་རྡོ་སྐུ་ཤེལ་ལྟར་འཚེར་བ་ཞིག་ཀྱང་ཡོད་པར་དགེ་ཆོས་ཀྱིས་གསུངས། ཤཱནྟི་པས་གྲོང་ཁྱེར་གྱི་ས་ཞེས་པ་པ་ཊ་ལི་པུ་ཏྲ་ཞེས་པ་འདི་ཡིན་པར་བཞེད། གྲོང་ཁྱེར་གྱི་ས་ལ་གཟིགས།
|