From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པང་ན་བཙའ་བ
|
Tibetan Definition
|
པང་པར་ཉར་ནས་སྲུང་བའམ་བལྟ་རྟོག་བྱེད་དགོས་པའི་དོན། འདིའི་བཙའ་བ་ཞེས་པ་ནི། སྲུང་བའམ་བལྟ་རྟོག་བྱེད་པའི་དོན་ཡིན། དཔེར་ན་བསྔགས་འོས་བསྔགས་བསྟོད་ཀྱི་ལན་མི་ལྡོན་པར་བསྟོད་པ་ལས། ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང༌། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་བཟློག་པར་བགྱིད། །ཅེས་རྗེའི་ལམ་རིམ་དུ་དྲངས་པ་ལས་གསུངས་པ་ལྟར་རོ། །དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་ལས། པང་ན་བཅའ་བ་ཞེས་འབྱུང་བ་ནི་ཡིག་ནོར་རོ། །སློབ་སྤྲིངས་རྗེའི་ལམ་རིམ་དུ་དྲངས་པ་ལས། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པས། །ཞེས་གསུངས་པ་ལྟར་རོ། །
|