4293
Jump to navigation
Jump to search
པང་ནས་སྐྱེས | |
Tibetan Definition | <ཀོ་ལི་ཏཿ> མོའུ་གལ་གྱི་བུ་མུ་སྟེགས་པ་ཡིན་པའི་སྐབས་ཀྱི་མིང་ཡིན། འདི་དང་ཉེ་རྒྱལ་ (ཤཱ་རིའི་བུའི་ཐོག་མའི་མིང་) གཉིས་འཕགས་པ་རྟ་ཐུལ་གྱི་སློབ་མ་ཡིན། འདི་དང་ཤཱ་རིའི་བུའི་ལོ་རྒྱུས་འདུལ་བ་ལུང་གཞི་གླེགས་བམ་༼ ཀ་པར ༽པར་བཞུགས་སོ། །ཁྱེའུ་འདི་དབང་ཕྱུག་སོགས་ལྷ་བསྟེན་ནས་སྐྱེས་པས། པང་ནས་སྐྱེས་ཞེས་བཏགས་ཤིང་། མཽད་གལ་གྱི་རིགས་ཡིན་པས་མཽད་གལ་བུ་ཞེས་བཏགས་པར་གོང་གི་འདུལ་བ་ལུང་གཞི་ན་གསལ་ལོ། ། |
---|