4295
Jump to navigation
Jump to search
པཉྩ་ལི་ཀའི་ན་བཟའ | |
Tibetan Definition | ཁ་དོག་ལྔ་ལྡན་གྱི་ན་བཟའ་སྟེ། ལྷ་ཡི་ན་བཟའི་མིང་། དབྱར་བསིལ། དགུན་དྲོ་བ། སྲབ་ལ་འཇམ་པ། ཚུར་བསྡུས་ན་སོར་མོའི་ནང་ཆུད་ཅིང་། ཕར་བཀྲམ་ན་སྟོང་གསུམ་ཁྱབ་པ་སོགས་ངོ་མཚར་བའི་ཡོན་ཏན་དུ་མ་དང་ལྡན་པའི་གོས་ཤིག་ལ་ངོས་འཛིན་བྱེད། ལེགས་བྲིས་མ་ལས། མར་གད་རི་བོས་འཇའ་ཚོན་གྱོན་པ་བཞིན། །སྐུ་སྟོད་ལྷ་རྫས་གོས་ཀྱི་ག་ཤ་ཅན། །ཕྲ་ཞིང་ལྡེམ་ལ་མཛེས་པའི་སྐེད་སྐབས་ནི། །པཉྩ་ལི་ཀའི་ཤམ་ཐབས་འཛིན་ལ་འདུད། །ཅེས་གསུངས་པ་ལྟར་རོ། ། |
---|