From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པཎ་གྲུབ་བཅུ་བདུན
|
Tibetan Definition
|
༡ ཀླུ་སྒྲུབ། ༢ ཨརྱ་དེ་ཝ། ༣ ཐོགས་མེད། ༤ དབྱིག་གཉེན། ༥ ཕྱོགས་གླང་། ༦ ཆོས་གྲགས། ༧ ཡོན་ཏན་འོད། ༨ ཤཱཀྱ་འོད། ༩ སངས་རྒྱས་བསྐྱངས། ༡༠ ཟླ་བ་གྲགས་པ། ༡༡ ལེགས་ལྡན་འབྱེད། ༡༢ སེངྒེ་བཟང་པོ། ༡༣ འཕགས་པ་གྲོལ་སྡེ། ༡༤ ཞི་བ་ལྷ། ༡༥ ཞི་བ་འཚོ། ༡༦ ཀཱ་མ་ལ་ཤཱི་ལ། ༡༧ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་སོ། །པཎ་གྲུབ་བཅུ་བདུན་གྱི་ཐ་སྙད་འདི་སྔར་མ་གྲགས་ཀྱང་། འདི་དག་སངས་རྒྱས་ཀྱི་བསྟན་པ་ལ་ཕྱག་རྗེས་ཆེ་ཞིང་། ལྷག་པར་བོད་གངས་ལྡན་གྱི་ལྗོངས་དང་ཡང་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་འབྲེལ་ཞིང་བཀའ་དྲིན་བླ་ལྷག་ཏུ་ཆེ་བས། དུས་ཕྱིས་༸གོང་ས་༸སྐྱབས་མགོན་ཆེན་པོས་དཔལ་ན་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་བྱ་བ་དེ་ཉིད་མཛད་པ་ནས་བཟུང་ཐ་སྙད་དེ་ཤིན་ཏུ་གྲགས་ཆེ་བར་གྱུར་ཏོ། །
|