From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་དཀར་ཆག
|
Tibetan Definition
|
བཀྲ་ཤིས་ལྷུན་པོའི་པཎ་ཆེན་སྐུ་ཕྲེང་གསུམ་པ་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་ནི། ༼ ཁ ༽བརྟན་བཞུགས་གསོལ་འདེབས་ལ་ཤོག་བུ་ཞེ་གཅིག །མྱུར་བྱོན་ལ་བདུན། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་བརྟན་བཞུགས་སོགས་ལ་དོན་ལྔ། ཉམས་མགུར་ལ་གསུམ། བློ་སྦྱོང་ལམ་རིམ་ལ་དགུ་པ་དང་དྲུག་ཅུ་པ། བཀའ་དྲི་ཞུས་ལན་ལ་ཉེར་བརྒྱད། འདོད་ལྷ་བསྟོད་པ་ལ་ཉེར་བརྒྱད། བཅའ་ཡིག་ལ་ཉེར་བཞི། རྟེན་གྱི་རྒྱབ་ཡིག་ལ་བཞི་བཅུ། བཤགས་སྡོམ་ལ་བདུན། ཆབ་ཤོག་ལ་བཅུ། གནས་བསྟོད་ལ་གསུམ། སྨོན་ཤིས་ལ་ལྔ། བདེ་ལམ་མྱོང་ཁྲིད་ལ་སོ་བདུན། བདེ་མཆོག་ལུས་དཀྱིལ་ཆོ་ག་ལ་བཅུ་དགུ། གསང་འདུས་འཇམ་རྡོར་བདག་མདུན་བུམ་གསུམ་སྟ་གོན་བཅས་ལ་སུམ་ཅུ། རྟེན་ལ་ན་བཟའ་འདོད་གསོལ་ལ་བཅོ་ལྔ། ཁྱོན་བཞི་བརྒྱ་དང་གསུམ། ༼ ག ༽སྐུ་གོང་མ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་མཇུག་ལ་བརྒྱ་དང་སོ་བརྒྱད། རྗེ་བྱམས་པའི་རྣམ་ཐར་ལ་བརྒྱ་དང་ང་གསུམ། གནས་བརྟན་བཅུ་དྲུག་རྣམ་ཐར་ལ་དགུ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་གདུང་དཀར་ཆག་ལ་དོན་དགུ། ཡོངས་འཛིན་བློ་བཟང་བཟོད་པའི་རྣམ་ཐར་ལ་ཉེར་གཉིས། ཁྱོན་བཞི་བརྒྱ་དང་གཉིས།༼ ང ༽འདོད་ལྷ་སྣ་ཚོགས་རང་གི་བླ་མ་དབྱེར་མེད་རྣལ་འབྱོར་བདུན་ཅུ་སྐོར་ལ་བརྒྱ་དང་ཞེ་དགུ། ལཱུ་ཧི་པའི་ཆོ་ག་བསྡུས་པ་ལ་བཅུ་གཉིས། བདེ་མཆོག་དང་ཕྱག་རྡོར་འཁོར་ཆེན་དང༌། ལྷ་བརྒྱ་མ་དང༌། དུས་འཁོར་བཅས་ཀྱི་བསྙེན་ཡིག་ལ་བཅུ་གཅིག །འཕོ་བ་ལ་དྲུག །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་སོགས་སྒྲུབ་ཐབས་བཞི་བཅུ་སྐོར་ལ་བརྒྱ་དང་དྲུག །མ་ཎི་རིལ་སྒྲུབ་ལ་བདུན། རྟེན་བཞེངས་ཚུལ་ལ་བདུན། ལྷ་སྣ་ཚོགས་ལ་སྦྱར་ཆོག་སྦྱིན་སྲེག་དང༌། འཇིགས་བྱེད་དང༌། ཕྱག་དྲུག་པ་དང༌། ལྕམ་སྲིང་དང༌། སྒྲོལ་མ་དང༌། འཇམ་དབྱངས་དང་དུས་འཁོར་བཅས་ཀྱི་སྦྱིན་སྲེག་ལ་སོ་གཉིས། ཚེ་དབང་ལ་བཅུ་དྲུག །བཟང་སྤྱོད་འཆི་བསླུ་ལ་བརྒྱད། ལྷ་ཚོགས་གཏོར་འབུལ་ལ་སོ་དྲུག་གསང་འདུས་ཚོགས་མཆོད་ལ་བཞི། བཀའ་སོགས་ལ་དྲུག །ཁྱོན་བཞི་བརྒྱ་དང་གསུམ། ༼ ཅ ༽ལྷ་མོ་མགོན་ཆོས་གཏོར་འབུལ་ཕྲིན་བཅོལ་ལེ་ཚན་བདུན་ཅུ་སྐོར་ལ་དགུ་བཅུ་གོ་ལྔ། དུས་འཁོར་སྐུ་གསུང་ཐུགས་ཚད་མའི་ཆོ་ག་ལ་ཉེར་གཉིས། ཀྱཻ་རྡོར་ཆོ་ག་ལ་བཅུ་བདུན། བཀྲས་ལྷུན་སྔགས་པའི་གཏོར་བཟོ་ལ་གསུམ། དམིགས་བརྩེ་མའི་ལས་ཚོགས་བཅུ་གཅིག་ནག་འགྲོས་ལ་ང་བདུན། དམིགས་བརྩེ་མའི་ལས་ཚོགས་ལ་ཉེར་གསུམ། བླ་མའི་རྣལ་འབྱོར་ཉི་ཤུ་སྐོར་ལ་ཉེར་གཉིས། སྨན་ཚོགས་བསྡུས་པ། ཆོས་རྒྱལ་རྟེན་འཛུགས་སྒྲུབ་ཐབས་སྣ་ཚོགས་ལྔ་བཅུ་སྐོར་ལ་ང་ལྔ། ཡང་ཆོས་སྐྱོང་སྒྲུབ་ཐབས་སྐོར་ལ་བཅོ་ལྔ། རང་ཉིད་ཀྱི་བརྟན་བཞུགས་ལེ་ཚན་གཉིས་ལ་བཅུ་དགུ། ལམ་རིམ་སྐོར་ལ་གསུམ། དྲི་ཞུས་ལན་ལ་བཅོ་བརྒྱད། བསྟོད་པ་སྣ་ཚོགས་ལྔ། སྨོན་ཤིས་བདུན། ཞལ་བྱང་ཉེར་བརྒྱད། ཁྱོན་བཞི་བརྒྱ་དང་དགུ། ཆ་ཞབས་བརྟན་བཅུ་གཅིག །རྣལ་འབྱོར་ཞེ་གཅིག །སྨོན་ཚིག་བཅུ་གཅིག་འདོད་ལྷ་སྒྲུབ་ཐབས་ཞེ་བརྒྱད། བརྒྱུད་འདེབས་བཞི། དུས་འཁོར་སྒྲུབ་ཐབས་བཅུ་གཉིས། འཇིགས་བྱེད་བསྐྱེད་རིམ་ཉེར་ལྔ། རྫོགས་རིམ་བདུན། བདེ་མཆོག་སྒྲུབ་ཐབས་ཉེར་གཅིག །དེ་ཡི་ཟབ་དོན་ལ་ལྔ། དྲིལ་བུ་ལྷ་ལྔའི་རྒྱུད་འདེབས་དང་བདག་མདུན་བུམ་གསུམ་ལ་བཞི་བཅུ། རྡོར་དབྱིངས་སྦྱིན་སྲེག་ལ་བཅུ་གཅིག །གསུང་མགུར་ལ་བཅུ། འཇིགས་བྱེད་རབ་གནས་བསྡུས་པ་ལ་ལྔ། ཆོས་སྐྱོང་སྒྲུབ་སྐོར་ལ་ཉེར་གསུམ། མདུང་དམར་སྒྲུབ་སྐོར་ལ་བཅུ་གཅིག །སྲིད་པའི་རྒྱལ་མོའི་མདོས་ལ་དགུ། མ་གཅིག་དབང་མོའི་ཤོ་མོ་ཉེར་བཞི། ཚོགས་མཆོད་ལ་བཞི། བསྟོད་པ་གཉིས། གནས་བསྟོད་གསུམ། སྙན་ཤལ་བཞི། གསུང་ཐོར་བུ་ལ་བཅུ་བཞི། འཕོ་བ་གསུམ། རྒྱབ་ཡིག་དྲུག །རྨ་བྱའི་མན་ངག་ལ་གཉིས། འདོད་གསོལ་ཉེར་གཉིས། ཆབ་ཤོག་བརྒྱད། ཡང་གཉིས། གཞི་བདག་ཕྲིན་བཅོལ་བཅུ་བཞི། ཁྱོན་སྡོམ་བཞི་བརྒྱ་བཅོ་བརྒྱད། ༼ ཇ ༽བརྟན་བཞུགས་ལ་ཉི་ཤུ། ཚེ་ཁྲིད་ལ་བརྒྱད། ཤངས་རབ་རྒྱས་བཅའ་ཡིག་ལ་དགུ། སྨྱུང་གནས་བརྒྱུད་བླ་རྣམ་ཐར་ཕན་ཡོན་བཅས་ང་བཞི། བློ་སྦྱོང་དྲུག །བརྟན་བཞུགས་སོ་གཉིས། ཆབ་ཤོག་བཅུ་བཞི། གནས་སྟོད་གསུམ། འདོད་གསོལ་ཉེར་བཞི། བླ་མའི་རྣལ་འབྱོར་བཅོ་ལྔ། ཉམས་མགུར་གསུམ། འཇིགས་བྱེད་བསྐྱེད་རིམ་ཚིགས་བཅད་མ་བཅུ་དྲུག །སྒྲུབ་ཐབས་ཉེར་བརྒྱད། རྣམ་སྣང་མངོན་བྱང་ཆོ་ག་བཅོ་བརྒྱད། དེ་ཡི་དཀྱིལ་ཆོག་ཉེར་གསུམ། དབང་ཆོག་སྨོན་ཤིས་དང་བཅས་པ་བཅུ་བདུན། གཏོར་འབུལ་ཉེར་གསུམ། ཞལ་བཞི་པའི་གཏོར་ཆོག་བཅུ་གཉིས། ལྕམ་སྲིང་མདོས་ཆོག་ལ་བཅུ་བཞི། རྟེན་གསུམ་རྒྱབ་ཡིག་ལ་བཅུ་བཞི། འཇིགས་བྱེད་ལྷོ་སྒོ་ལ་བདུན། གཞི་བདག་རྣམས་ཀྱི་གཏོར་འབུལ་ཉེར་བཞི། ཁྱོན་བཞི་བརྒྱ་དང་གསུམ།༼ ཉ ༽ བཀའ་རྒྱ་མ་གླེགས་བམ་གཅིག །དུས་འཁོར་སྨོན་ཤིས། ཤམ་བྷ་ལའི་ལམ་ཡིག །མགོན་དཀར་བུམ་གཏེར། ཇོ་བོ་ཕྱིང་དཀར་གྱི་གསོལ་མཆོད་སོགས་ཡོད།
|