4298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ
Tibetan Definition འདུལ་བ་ལུང་རིགས་ཉི་མ་ལ་བརྒྱ་དང་དོན་དགུ། འདུལ་བའི་དུས་ཚིགས་ལ་ཉེར་དགུ། མཛོད་ཤེས་བྱ་རབ་གསལ་ལ་བརྒྱ་དང་གྱ་དགུ། རྣམ་འགྲེལ་ལ་སུམ་བརྒྱ་དང་དང་དྲུག་ཅུ། བློ་རིག་རྟགས་རིགས་གཉིས་གཉིས་ལ་བཞི་བཅུ། ཕར་ཕྱིན་སྤྱི་དོན་ལ་ཉིས་བརྒྱ་དང་བཅུ་གཅིག ཕར་ཕྱིན་ཐལ་ཕྲེང་ལ་སུམ་བརྒྱ་དང་གྱ་ལྔ། དྲང་ངེས་རྣམ་འབྱེད་ཨུཏྤལའི་འཕྲེང་བ་ལ་དགུ། རྟེན་འབྲེལ་ལ་ཉེར་བཞི། བསམ་གཟུགས་ལ་ང་བཞི། དགེ་འདུན་ཉི་ཤུ་ལ་སོ་ལྔ། དབུ་མའི་སྤྱི་དོན་ལ་བརྒྱ་དང་བཅུ་བདུན། དབུ་མའི་མཐའ་དཔྱོད་ལ་དོན་ལྔ། ལེགས་བཤད་སྙིང་པོའི་དཀའ་གནད་དོགས་གཅོད། རྒྱུད་བླ་མའི་སྤྱི་དོན། སྡོམ་གསུམ་རྣམ་གཞག་རྒྱས་བསྡུས་གཉིས། བྱང་ཆུབ་གཞུང་ལམ་དོན་བསྡུ། བཀའ་གདམས་གླེགས་བམ་དོན་བསྡུ་རྣམས་སོ། །ཀརྨ་པའི་ཕར་ཕྱིན་བཀའ་ལན་དང༌། དེ་ཡི་ཡང་ལན། སྔགས་ཀྱི་སྐོར། རྒྱུད་སྡེ་བཞི་ཡི་རྣམ་གཞག གསང་འདུས་བསྐྱེད་རིམ་མཁས་པའི་ཡིད་འཕྲོག རྫོགས་རིམ་ཐར་ལམ་གསལ་སྒྲོན་སྔགས་ཀྱི་སྤྱོད་པ་ཟུར་དུ་བཀོལ། ཕྱག་ཆེན་མཛེས་པའི་རྒྱན་དྲུག ནཱ་རོ་ཆོས་དྲུག སྙིང་པོ་དོན་གསུམ། ལྟ་ཁྲིད་དྲན་པ་བཞི་ལྡན། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། འདུལ་བའི་ཆོས་འབྱུང༌། རྒྱལ་རབས་འཕྲུལ་གྱི་ལྡེ་མིག སྟན་རྩིས་གསལ་བའི་སྒྲོན་མེ། དགེ་ལྡན་ལེགས་བཤད། ཚེ་དཔག་མེད། སྒྲོལ་དཀར། རིག་བྱེད་མའི་རྣམས་ཀྱི་སྒྲུབ་ཐབས། གཅོད་ཀྱི་བརྒྱུད་འདེབས་དང་གཅོད་ཁྲིད་རྣམས་སོ། །