From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁང་གསར་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན
|
Tibetan Definition
|
ཁོང་ནི་ཁམས་དཀར་མཛེས་ཀྱི་ས་ཁུལ་དུ། རབ་བྱུང་བཅུ་བཞི་པའི་ས་ཕོ་སྤྲེའུ་ལོ་ (ཕྱི་ལོ་༡༨༤༨) ལོར་འཁྲུངས། དགུང་ལོ་གཞོན་ནུས་ནས་དབུས་སུ་ཕེབས། ཏྲེ་བོ་ཁང་ཚན་དུ་གྲྭ་སར་ཞུགས། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དུས་སུ་རྒྱུད་སྨད་མཁན་པོ་མཛད། དེའི་རྗེས་སུ་མཁན་ཟུར་ཏྲེ་བོ་ཁང་གསར་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་ཟེར། གསུང་འབུམ་ཀ་ཁ་ག་བཅས་པོད་གསུམ་བཞུགས་སོ། །གསུང་འབུམ་ག་པའི་ནང་། བྲག་དཀར་སྤྲུལ་སྐུ་དང་བརྒལ་ལན་འགའ་ཞིག་བགྱིས་པ་འོ་མཚོ་ལྷག་བསམ་དབུ་འཕྲེང་རྒོད་པ་ཞེས་བྱ་བ་ཞིག་ཀྱང་བཞུགས་སོ། །
|