4302

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས
Tibetan Definition མན་ཇུ་གོང་མས་ (ཤུན་ཙིས) རྒྱ་ནག་ལ་གདན་དྲངས་ཀྱང་མ་ཕེབས་པའི་སྐོར་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ན་གསལ། དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེའི་ཚིག་མཛོད་ནང་། དགུང་ལོ་ང་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲུལ་ (༡༧༡༣) ལོར་གོང་མས་པཎ་ཆེན་ཨེར་ཏི་ནི་ཞེས་པའི་མཚན་འཕར་དང་འཇའ་ས་ཐམ་ག་ཕུལ། ཞེས་གསལ་ཡང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་འཆད་པའི་ཐད་ཀྱི་ལམ་རིན་བླ་མ་བརྒྱུད་པའི་རྣམ་ཐར་༥༩༢ལས། རྒྱ་ནག་གོང་མས་ (ཕལ་ཆེར་མན་ཇུའི་རྒྱལ་པོ་དང་པོ་ཧྲུན་ཀྲིའམ་ཤུན་ཙི་ཞེས་སྣང་བ་དེ་ཡིན་ནམ་སྙམ) གཏོས་ཆེ་བའི་འབུལ་བ་དང་བཅས་གསེར་ཡིག་པ་བརྫངས་ཏེ་རྒྱ་ནག་ཏུ་ཕེབས་དགོས་ཀྱི་བཀའ་ཡིག་འབྱོར་ཀྱང་། མ་ཕེབས་པའི་སྐོར། དམ་པ་ཉིད་ཀྱི་ཞལ་སློབ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ནང་གསལ་བར་གསུངས།