From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པཎྜི་ཏ
|
Tibetan Definition
|
(ལེགས་སྦྱར) 1 མཁས་པ། ལྔ་རིག་པ། རིག་པའི་གནས་ལྔ་ཤེས་པའི་མཁས་པ། དོན་འགྱུར་གནས་ལྔ་རིག་པ་ཞེས་བཤད་ཅིང་། རིག་པའི་གནས་ལྔ་ཤེས་པའི་དོན། ཞེས་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་སོགས་སུ་གསལ། पंडितः པཎྜི་ཏཿཞེས་རྣམ་བཅད་ལྷག་པོ་བསྣན་པའང་འདུག 2 བློ་གྲོས་དང་འགྲོགས་པའི་དོན་དུའང་འཇུག་པར། ངག་སྒྲོན་འགྲེལ་པར་གསུངས། དོགས་གཅོད། སྟོན་པའི་གཏད་རབས་སོགས་ཆེས་སྔ་མོའི་དུས་རྣམས་སུ་ནང་པའི་མཁས་པ་རྣམས་ལ་བཙུན་པ་ཆེན་པོ་ཟེར་བ་མ་གཏོགས། པཎྜི་ཏའི་མིང་གིས་འབོད་ཚུལ་མེད་པར། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས་བཤད། ཞིབ་པར་དེའི་ཤོག་གྲངས་༦༧ལ་གཟིགས།
|