From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པཎྜི་ཏ་སྒྲའི་ཚེར་མ
|
Tibetan Definition
|
ཇོ་བོ་སྨྲྀཏི་ཛྙཱ་ནའི་མཚན་གྱི་རྣམ་གྲངས་ཡིན་པར། དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་༡༨ན༥ན་བཤད་དོ། །འབྲོམ་སྟོན་པའི་རྣམ་ཐར་འཆད་པའི་སྐབས་ཀྱི་དེབ་སྔོན་སྟོད་ཆ་༣༠༩ལས། ཉེ་ལོགས་ན་པཎྜི་ཏ་སྒྲའི་ཚེར་མ་ཞེས་བྱ་བ་ཞིག་ལ་བི་བརྟ་མང་པོ་བསླབས། ད་ལྟ་རྒྱ་གར་ན་སུ་ཆེ་དྲིས་པས། ངེད་རྒྱ་གར་དུ་ཡོད་དུས་ནཱ་རོ་པ་ཆེ་བ་ཡིན། རྒྱལ་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་ཡོད་པས། དེ་ད་ལྟ་བཞུགས་ཡོད་ན་ཁོང་ཆེ་བར་འོང་གསུང་བས། མཚན་ཐོས་པ་ཙམ་གྱིས་མོས་པ་ཆེན་པོ་སྐྱེས། ཞེས་གསུངས་སོ། །
|