4309

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པད་ཀོར་གྱི་ཕྱག་རྒྱའི་མཚོན་དོན
Tibetan Definition ཕྱག་རྒྱའི་སོར་མོ་བརྒྱད་ཀྱིས་སྙིང་གའི་རྩ་འདབ་བརྒྱད་མཚོན་པས་པད་ཀོར་གྱི་པདྨ་སྙིང་གའི་རྩ་འཁོར་ལ་བྱེད། ཕྱག་རྒྱ་སྙིང་གའི་ཐད་དུ་བྱེད་ཅིང་མཆོད་ལྷ་དེ་ནས་སྤྲོ་བས་འཁོར་འདས་ཐམས་ཅད་རྩ་བ་སེམས་དང༌། མཆོད་པའི་འཁོར་གསུམ་སེམས་དེས་བཞག་ཙམ་ཡིན་པ་མཚོན་ཞིང༌། རྩ་བ་དང་ཡན་ལག་གི་རླུང་བཅུ་སྙིང་གའི་མི་ཤིགས་པ་ལ་སྡུད་པའི་རྟེན་འབྲེལ་དུ་མཆོད་ལྷ་དེར་བསྡུ་བ་དང༌། ཕྱག་གི་སྐབས་ཀྱང་སྙིང་གར་ཐལ་མོ་སྦྱོར། ཕྱག་རྒྱའི་ཚེ་སོར་མོའི་ཚིགས་དབུས་མ་མན་ཆད་མི་འཐོར་བས་ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་འགྲུབ་པའི་རྟེན་འབྲེལ་དང༌། མར་མེའི་ཕྱག་རྒྱ་ལྟ་བུར་མཐེ་བོང་གི་སྐེད་པའི་རི་མོའི་ཐད་སོར་མོ་ལྷག་མ་བཏུད་པ་ལ་རྩ་རླུང་གི་རྟེན་འབྲེལ་ཁྱད་པར་ཅན་ཡོད་ཅེས་གུང་ཐང་འཇམ་པའི་དབྱངས་ཀྱིས་གསུངས་པ་ལྟར། ཕྱག་རྒྱ་ཐམས་ཅད་ལ་གནད་ཁྱད་པར་ཅན་རེ་ཡོད་པས་རང་ཉིད་གཅིག་པུར་གནས་པས་ཀྱང་ཕྱག་རྒྱ་དང་རྟ་དབྱངས་སོགས་བྱས་ན་དགེ་ཚན་ཆེ་བས་ངེས་པར་བྱ་དགོས་པར་གསུང་ངོ༌། །