4310

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པད་དཀར་ལྟ་བུའི་གང་ཟག
Tibetan Definition རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལྔའི་ཡ་གྱལ་ཏེ། རྒྱུད་ཀྱི་ཚིག་དོན་མང་དུ་ཐོས་ནས་འཛིན་པར་ནུས་ཀྱང་གཞན་ལ་སྟོན་པའི་ནུས་པ་མེད་པའི་གང་ཟག སྒྲ་བཤད་ནི། དཔེར་ན་བུམ་པའི་ནང་དུ་རས་བལ་གྱི་ས་བོན་གྱིས་བཀང་བ་འཕེལ་ནས་སླར་མི་ཐོན་པ་དང༌། པད་དཀར་རང་གི་དྲི་ལྟེ་བའི་སྦུབས་སུ་འཁོར་ནས་གཞན་དུ་འགྲོ་བ་མེད་པ་དང་འདྲ་བས་དེ་སྐད་ཅེས་བཏགས། རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད།